Рет қаралды 500
ཨ་མ་གཡང་རི་ནི། དེ་སྔོན་ཨོ་རྒྱན་རིན་པོ་ཆེས་་ཡོལ་མོ་གངས་རའི་གནས་བདག་ཏུ་བསྐོས་ནས། གཏེར་དང་མི་ཕྱུགས་སོགས་བསྲུང་སྐྱོབས་བྱེད་དུ་བཅུག་པ་རེད། དེ་ནས་རྗེ་བཙུན་མི་ལ་རས་པ་ཡོལ་མོར་ཕེབས་དུས་་གཞི་བདག་ཨ་མ་གཡང་རིས་བསུ་བ་མཛད། དེ་ནས་རྗེ་བཙུན་མི་ལས་ཀྱང་རྗེས་འཇུག་སློབ་མ་རྣམས་བུ་བཞིན་སྐྱོང་བའི་ཕྲིན་ལས་བཅོལ་བར་མཛད་པས། ཆོས་བཞིན་གྲུབ་མཁན་ལ་བར་ཆད་བསྲུངས་ཤིང་དངོས་གྲུབ་སྩོལ་བར་མཛད། ཨ་མ་གཡང་རི་འདི་ནི དོན་ལ་འཕགས་མ་ནོར་རྒྱུན་མ་དང་ཐུགས་རྒྱུད་གཅིག་པས། བུ་འདོད་རྣམས་ལ་བུ་དང་། ནོར་འདོད་པ་ལ་ནོར་གྱི་དངོས་གྲུབ་སྩོལ་བ་སོགས། མདོར་ན་ཅི་འདོད་ཆར་བཞིན་འཇོ་བས། མཚན་ལ་ཡང་ཨ་མ་གཡང་གི་རིན་ཆེན་ཞུ་བ་ཡིན་འདུག།