Gaden Shartse Monastery Distributes free rations to the needy people

  Рет қаралды 1,108

Gaden Shartse Monastery

Gaden Shartse Monastery

4 жыл бұрын

དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཉེ་འཁོར་ཡུལ་མི་ཉམ་ཐག་ཚོར་སྐྱོབ་གསོའི་ལས་འགུལ་སྤེལ་བ།
༄༅། །ཀུན་གྱིས་མཁྱེན་གསལ་བཞིན། དེང་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ལ་བརྟེན་ནས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད་ལ། གནས་ཡུལ་རྒྱ་གར་དབུས་གཞུང་ནས་ནད་དུག་སྔོན་འགོག་སླད་རྒྱལ་ཡོངས་ཐེམ་སྤངས་ (Lock Down) གནང་བཞིན་པའི་དུས་སྐབས་འདིར། རང་ཅག་རྣམས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཏོག་དབྱིབས་ནད་ཡམས་དང་འབྲེལ་གལ་ཆེའི་བཀའ་སློབ་དགོངས་དོན་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། རྒྱ་གར་གྱི་སྲིད་བློན་མཆོག་གིས་ད་ལྟ་རྒྱ་གར་དུ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་ཡམས་འགོག་ཐབས་དང་། ཁ་གཏད་གདོང་ལེན་བྱ་ཐབས་ཆེད། མི་སེར་ལ་རོགས་སྐྱོར་དང་ཛ་དྲག་ངལ་སེལ་ཐེབས་རྩར་ (PM care Fund) དང་། མངའ་སྡེ་གཞུང་བཅས་ལ་ཞལ་འདེབས་འབུལ་གཏན་འཁེལ་ཡོད་ལ། སྔ་འཕྲོས་སུ་མོན་གྷོ་རྒྱ་གར་ས་གནས་ལས་ཁུངས་དང་། འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ལས་ཁུངས་བཅས་ལ་སྙན་གསན་ལམ་སྟོན་ཞུས་ཏེ། ཉེ་འཁོར་ཡུལ་མི་ཉམ་ཐག་སྐྱོ་བོའི་རིགས་མང་དག་ཅིག་ཁོངས་ནས་དགོན་པ་གྲྭ་ཚང་གཞན་གྱི་སྐྱོབ་གསོ་མ་ཐོབ་པ་དྲུག་བརྒྱ་ལྷག་ཙམ་ལ་སྐམ་ཟས་འབྲས་དང་། རྡ་ལི། གྲོ་ཞིབ། ཇ་སྤ་ཏི། ཅི་ནི། ཟ་སྣུམ་བཅས་ཧིན་སྒོར་འབུམ་དྲུག་ལྷག་གིས་འགྲོ་གྲོན་བཏང་སྟེ་ཁྱིམ་ཚང་རེ་རེར་བགོ་འགྲེམས་ཞུས་ཐུབ་པ་བྱུང་། དགེ་རྩ་འདི་ལ་བརྟེན་ནས་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ། ༸གོང་ས་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་རླབས་ཆེན་ཐུགས་བཞེད་འགྲུབ་པ་དང་། ནད་ཡམས་འདི་ཉིད་ཀྱིས་མཚོན་སྙིགས་ལྔའི་རྒུད་ཚོགས་མཐའ་དག་མྱུར་དུ་ཞི་ནས་འགྲོ་རྣམས་བདེ་དགའི་དཔལ་ལ་རོལ་བའི་སྨོན་འདུན་དང་བཅས། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཕྱི་ཟླ་ ༢༠༢༠ ཟླ་ ༤ ཚེས་ ༡༦ ལ།།
Social Service Extended during Covid-19 Pandemic
by Gaden Shartse Monastery
As Covid-19 pandemic is increasing each passing day throughout the World, as precautionary measure, India has imposed nationwide lockdown to encompass this pandemic. As advised by our spiritual and temporal leader His Holiness the Dalai Lama in this crucial time and to offer gratitude to India Union/State Govt of Karnataka by Tibetan people in exile for last 6 decades, and also to mark of solidarity with our Indian brothers and sisters, we have planned to make donation towards PM Cares Fund, towards CM Relief Funding the coming days. We have already undertaken free distribution of dry rations, food packets, groceries to the nearby six hundred families of Indian villagers amounting 6,24,000 INR (six lakh twenty four thousand rupess). This philanthropic and altruistic initiative is undertaken by Gaden Shartse Monastery with utmost prayers and dedications to achieve His Holiness the Dalai Lama's wishes and of all the dedicated loyal benefactors of long time supporters.
In all, we offer deepest prayers for the quick end to this Covid-19 Pandemic, receive the best treatment to the sick at the soonest, prayers to those passed away in this Pandemic and sincere gratitude to all those frontline warriors (doctors, nurses, cleanliness responsible, policemen, health workers etcs.) for fighting off this Pandemic all over the world.
Be well and Be Safe!
Issued and attested by:
Gaden Shartse Monastery
Date: 16th April 2020

Пікірлер
How to Stop Overthinking? | Sadhguru Answers
10:17
Sadhguru
Рет қаралды 6 МЛН
Secret Experiment Toothpaste Pt.4 😱 #shorts
00:35
Mr DegrEE
Рет қаралды 34 МЛН
How Many Balloons Does It Take To Fly?
00:18
MrBeast
Рет қаралды 195 МЛН
Iron Chin ✅ Isaih made this look too easy
00:13
Power Slap
Рет қаралды 36 МЛН
افول غرب | قسمت هشتم | المپیک پاریس
18:32
The Olympic Blasphemy
21:03
PatristicNectarFilms
Рет қаралды 65 М.
Middle Class FOOLED Once Again? | Budget 2024 | Dhruv Rathee
20:09
Dhruv Rathee
Рет қаралды 12 МЛН
MikeandCaraDVD
59:58
John Delaney
Рет қаралды 144
Books to Enrich and Expand the Mind for Those in Their 20s
4:03
Robert Greene
Рет қаралды 19 М.
New Year Ceremony of Gaden shartse Norling Monastery
14:41
Gaden Shartse Monastery
Рет қаралды 7 М.
Secret Experiment Toothpaste Pt.4 😱 #shorts
00:35
Mr DegrEE
Рет қаралды 34 МЛН