Рет қаралды 28,599
༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་ལྷན་དུ་དམིགས་བསལ་གླེང་མོལ།
In conversation with Gyan Vajra Rinpoche, the 43rd Sakya Trizin
ཕྱི་ཟླ་ ༣ ཚེས་ ༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་ཀྱི་རིང་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གི་གསེར་ཁྲི་མངའ་གསོལ་ཆེན་མོའི་མཛད་སྒོ་བསྐྱངས་ཡོད་པ་ལྟར། རླུང་འཕྲིན་ཁང་གི་གསར་འགོད་པ་ས་གཞིས་སྤུ་རུ་ཝ་ལའི་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་ཆེད་བཅར་གྱིས་ཁྲི་འཛིན་ ༤༣ པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང་ལྷན་དུ་རིན་པོ་ཆེའི་དགོངས་གཞི་དང་དགོངས་འཆར་ཇི་ཡོད་སོགས་ཀྱི་ཐོག་ལ་དམིགས་བསལ་བཀའ་འདྲིའི་གླེང་མོལ་ཞུས་ཡོད་པས་གསན་གཟིགས་གནང་རྒྱུ་མ་བསྙེལ་པ་ཞུ།།