Рет қаралды 10,898
བོད་གངས་ལྗོངས་ཀྱི་ཚ་ཚ་དེ་བོད་ཀྱི་རྒྱལ་པོ་ཆེན་པོ་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་དང་། གཡུང་དྲུང་བོན་གྱི་གཞུང་དུ་ཞང་ཞུང་འོལ་མོ་ལུང་པས་ཤེལ་གྱི་ཚ་ཚ་ཞིག་བསྐྲུན་པ། ཡོངས་གྲགས་སུ་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་དངོས་སུ་དར་བ་འམ་ཚ་ཚའི་བརྒྱུད་པ་དར་འཕེལ་ཆེན་པོ་བྱུང་བ་སོགས་གསུང་ཚུལ་ཁག་ཅིག་ཡོད་པ་རེད། རླུང་འཕྲིན་ཁང་གི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་དོ་ར་ཞེས་པའི་ཐེངས་འདིའི་ལེ་ཚན་ནང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་ཁྲིད་སློབ་དཔོན་དཔོན་དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས་དང་ལྷན་དུ་སཱཙྪའི་བྱུང་བ་དང་ཚ་ཚ་བཏབ་པའི་ཕན་ཡོན་སོགས་ཀྱི་ཐོག་གླེང་མོལ་ཞུས་ཡོད་པས་དེ་དོན་གསན་གཟིགས་གནང་སྐྱོང་ཡོང་བ་ཞུ།།
Art and Culture of Tibet : ‘Tsatsa’, Buddhist Stamped Clay Art
Tsatsa molds or stamped clay images are common in the Himalayas and surrounding regions including Tibet.
Traditionally in Tibet, they are often made from clay mixed with the ashes of revered teachers, left to harden, and placed on altars, shrines or in other holy places. In this episode of our Tibetan Art and Culture series, we meet with Geshe Lobsang Tsundue from LTWA and discuss the origin of this art and its significance.